དུས་དབང་གི་སྔོན་འགྲོའི་ཉིན་གཉིས་པ་། བོད་སྐད་།
དུས་དབང་གི་སྔོན་འགྲོའི་ཉིན་གཉིས་པ་། བོད་སྐད་།
January 11, 2012
དུས་དབང་གི་སྔོན་འགྲོའི་ཉིན་གཉིས་པ་། བོད་སྐད་།
January 10, 2012
དུས་དབང་གི་སྔོན་འགྲོའི་ཉིན་དང་པོ་། བོད་སྐད་།
November 3, 2011
རྒྱལ་སྤྱི་བོད་ཀྱི་ཉིན་མོར་འཛམ་གླིང་གང་སར་སྤེལ་བའི་ལས་འགུལ་སྐབས་ཀྱི་འདྲ་པར་འགའ།
November 3, 2011
མེ་ལྕེ་ཁྲོད་ཀྱི་འབོད་སྒྲ་ཐེང་བཅུ་གཅིག་པ་།

ཕྱི་ཟླ་༡༡་ཚེས་༣་ཉིན་ཁམས་རྟའུ་ས་ཁུལ་གྱི་དགའ་ལྡན་ཆོས་གླིང་ངམ། བྱང་ཆུབ་ཆོས་གླིང་གི་བཙུན་མ་ཆོས་བཟང་གིས་རང་ལུས་མེར་སྲེག་བཏང་འདུག རང་ལོ་༣༥་ལ་སོན་པའི་བཙུན་མ་དེའི་ཁོང་གི་ལུས་པོར་མེ་འབར་བཞིན་པའི་སྐབས་སུ་བོད་ལ་རང་དབང་དགོས་། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་སེང་མཐོན་པའི་ངང་འབོད་འདུག་ཅི། ད་ལྟ་ཁོང་གི་་ཕུང་པོ་རྟའུ་ཉིན་མཚོ་དགོན་པར་ཡོད་ཀྱང་། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་རྟའུ་ཉིན་མཚོ་དགོན་པའི་མཐའ་སྐོར་ནས་་བཙུན་མ་དེའི་ཕུང་པོ་རྩིས་སྤྲོད་བྱེད་དགོ་བས་བཙན་བཀའ་གཏང་འདུག།
ལོ་ལོན་གྱིས་
November 1, 2011
བལ་ཡུལ་ཀྱི་རྒྱལ་ས་ཀ་ཏི་མིན་དྷི་ནས་བོད་མི་སྐྱ་སེར་གྲངས་༤༠༠་ལྷག་ལྷན་འཛོམ་གྱི་རང་ལུས་མཆོད་མེར་ཕུལ་བའི་དཔའ་བོ་རྣམས་ལ་སྔོ་བ་སྨོན་ལམ་དང་། ཁོང་རྣམས་པའི་ནང་མི་དག་གཙོ་བྱས་གཞི་ལུས་སྤུན་ཟླ་ཡོང་ལ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ཆེད་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ལས་ཁང་མདུན་བར་ཞི་བའི་གོམ་འགྲོ་གནང་ཡོད་མོད་། རྒྱ་ནག་གི་རྒྱུག་ཁྱུར་རུ་གྱུར་བའི་བལ་བོའི་དབང་འཛིན་པ་དང་ཉེན་རྟོགས་པས་གོམ་འགྲོ་བ་རྣམས་ཁ་འཐོར་དུ་བཏང་ནས་བོད་མི་༡༠༠་འཛིན་བཟུང་བྱས་འདུག།
ལོ་ལོན་གྱིས་།
October 28, 2011
རྔ་བ་རྫོང་། ཞི་རྒོལ་གྱི་མེ་ཕུང་ཞིག
རྔ་ཕྲུག་གིས།
ད་ལོར་རྒྱལ་སྤྱིའི་རྣམ་པར་རྔ་བ་རྫོང་ཞེས་ཡང་ནས་བསྐྱར་དུ་གསར་ལམ་ཁག་ཏུ་འཐོན་བཞིན་ཡོད་ཅིང་། དེའི་རྐྱུ་མཚན་ནི་ས་ཁུལ་དེ་ནས་ད་བར་སྐྱ་སེར་བརྒྱད་ཀྱིས་རང་ལུས་ལ་མེ་སྤར་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་པས་རེད།
རྔ་བ་ཞེས་པའི་ས་ཆ་དེ་ནི་ཆོལ་ཁའི་དབང་དུ་བྱས་ན་ཨ་མདོའི་ཁོངས་ཀྱི་ལྷོ་རྒྱུད་དུ་ཆགས་ཡོད་ཅིང་། ཤར་དུ་རྒྱལ་རོང་དང་ལྷོ་རུ་འཛམ་ཐང་། ནུབ་ཏུ་མགོ་ལོག བྱང་དུ་མཛོད་དགེ་དང་ཐང་སྐོར་བཅས་ཀྱི་དཀྱིལ་དུ་ཆགས་ཡོད།
དེང་གི་རྒྱ་གཞུང་གིས་བོད་ས་དུམ་བཀོས་ཀྱི་དབང་དུ་བྱས་ན། རྒྱའི་སི་ཁྲོན་མངའ་སྡེ་ཁོངས་སུ་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཁོངས་སུ་བཅུག་ཡོད་ཅིང་། ཁུལ་དེའི་ཁོངས་སུ་རྫོང་ཁག་བཅུ་གསུམ་ཡོད་པའི་ནང་ནས་རྔ་བ་རྫོང་གཅིག་རེད།
དེ་བཞིན་རྔ་བ་རྫོང་ལ་སྟོད་སྨད་བར་གསུམ་དུ་དབྱེ་སྲོལ་ཡོད་ལ། ད་ལོར་རང་ལུས་མེ་སྤར་གྱིས་རྒྱ་གཞུང་ལ་ཞུ་རྒོལ་ཚང་མ་རྔ་བ་བར་ནས་བྱུང་ཡོད་ཅིང་། གཙོ་བོ་ཀིརྟི་དགོན་དང་དེའི་ལྷ་སྡེ་ཆགས་ཡོད།
ཀིརྟི་དགོན་པ་ནི་དགེ་ལུགས་པའི་དགོན་པ་ཆེན་པོ་ཞིག་རེད་ལ། རྔ་བ་རྫོང་གི་གྲོང་ཁྱེར་ལྟེ་བ་དང་འདབས་འབྲེལ་གྱི་རྔ་བ་རྫོང་གི་དཀྱིལ་དུ་ཆགས་ཡོད་ཅིང་། དགོན་པ་རྒྱ་ཁྱོན་གང་འཚམས་ཆེན་པོ་རེད་ལ། གྲྭ་བ་གསུམ་སྟོང་ཡས་མུས་ཀྱིས་སློབ་གཉེར་བྱེད་བཞིན་ཡོད་ལ། དགོན་པ་དེའི་དགོན་བདག་ནི་བཀའ་ཟུར་ཀིརྟི་ཆེན་པོ་ཆེ་རེད། ཁོང་ད་ལྟ་སྐྱབས་བཅོལ་དུ་དྷ་སར་བཞུགས་ཡོད་པ་རེད།
དོན་ཆེན་གཞན་ཞིག་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་བུད་མེད་བཙུན་མ་རང་ལུས་ལ་མེ་སྤར་ཏེ་ཞི་རྒོལ་བྱེད་མཁན་ཐོག་མ་སྟེ། བསྟན་འཛིན་བཟང་མོ་ནི་རྔ་བ་བར་མའི་མ་མི་བཙུན་དགོན་ནས་རེད་ལ། བཙུན་དགོན་དེ་ནི་རྔ་བ་རྫོང་ཁོངས་ཀྱི་བཙུན་དགོན་ཆེ་ཤོས་དེ་རེད།
རྔ་བ་རྫོང་གི་ཁོངས་སུ་དགོན་པ་༤༢ ཡོད་ལ་དགོན་སྡེ་མང་ཆེ་བ་དགེ་ལུགས་ཡིན་ལ། བོན་པོ་དང་ཇོ་ནང་། ས་སྐྱ་དང་རྙིང་མ་བཅས་ཀྱི་བོད་ཀྱི་ཆོས་བརྒྱུད་ཁག་གི་དགོན་སྡེ་འང་ཡོད་ཅིང་། དགོན་སྡེ་དག་ཏུ་གྲྭ་བཙུན་གྱི་གྲངས་འབོར་གཅིག་ཁྲི་ལས་བརྒལ་ཡོད།
རྔ་བ་རྫོང་ནི་ས་ཁྱོན་ཆེ་ཞིང་ཞིང་ལས་དང་འབྲོག་ལས་ཀྱི་མཐུན་རྐྱེན་འཛོམས་ཡོད་ལ། ས་དེའི་བོད་མི་རྣམས་ལས་ལ་བརྩོན་ཞིང་བོད་མི་རིགས་ཀྱི་ལ་རྒྱ་དང་འདུ་ཤེས་ཟབ་པའི་བོད་ཀྱི་ས་ཁུལ་ཡག་གྲས་ཤིག་ཀྱང་རེད། ལྷག་པར་ཚོང་ལས་ལ་དང་འདོད་ཆེ་ཞིང་ཡར་མར་འགྲུལ་བཞུད་དགའ་བས། རྔ་བའི་མི་མ་བསླེབས་པའི་ས་ཆ་མེད་ཟེར་སྲོལ་ཡང་ཡོད་པ་རེད།
འདི་ནས་ཤེས་དགོས་པ་ཞིག་ལ། རྔ་བ་ཞེས་མིང་གི་འབོད་ཡུལ་དངོས་ཏེ་རྔ་བ་རྫོང་རང་ཡིན་ཡང་། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་རྗེས། རྔ་བ་ཞེས་པའི་མིང་སྟེ་ཁུལ་མིང་ལ་བཏགས་པས། དེང་སང་རྔ་བ་གཅིག་པུར་ལབ་ན་རྫོང་ཁག་བཅུ་གསུམ་གྱི་ས་ཁྱོན་གོ་བཞིན་ཡོད།
ཟུར་ཞུ༼རྔ་བ་རྫོང་གི་ས་ཁྱོན་དང་མི་འབོར། ཐོན་ཁུངས་སོགས་འབྲི་འདོད་ཆེ་ཡང་དཔྱད་ཡིག་གི་མཐུན་རྐྱེན་དཀོན་པ་དང་ལྷོད་འབྲི་བྱེད་པའི་ཁོམ་པ་མ་བྱུང་། ཡིན་ན་འང་འདི་འདྲ་ཞིག་གིས་ཀྱང་ཕན་རེ་ཐོགས་ངེས་བསམས་ཏེ་ཁ་པར་དུ་བྲིས།༽
October 20, 2011
April 20, 2011
April 13, 2011
April 11, 2011
ཕ་རན་སུ་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་ཁབ་དེའི་ནང་། ཕོ་མོ་སུ་ཡིན་ཡང་ཁ་ཆས་ཀྱི་ལུས་ཡོངས་གཡོགས་པས་ཀྱོན་གོས་ (nigab) མི་དམངས་སྤྱི་སྤྱོད་ཀྱི་ས་ཆ་དང་། སྲང་ལམ་དང་། གློག་བརྙན་ཁང་སོགས་། གོན་མི་ཆོག་པར་ཁྲིམས་ཐོག་གཏན་འབེབ་བྱས་འདུག། གལ་ཏེ་གོན་པ་ཡིན་ན་། ཡོ་རོ་150་ཉེ་ཆད་དང་། བཞན་པར་བཙན་གྱི་གཡོག་ན་། ཡོ་རོ་སྟོང་ཕྲག་60་ཉེ་ཆད་གཅོད་རྒྱུ་དང་ཡང་བཙོན་འཇུག་བྱེད་རྒྱ་འམ་ཡང་ན། ཕ་རན་སུ་མི་སེར་ཡར་བསྡུ་བྱེད་རྒྱུ་ཁྲིམས་ཐོག་ནས་གཏན་འབེབ་བྱས་འདུག།
April 11, 2011
བོད་༁མ་མདོ་རྔ་བ། འཛམས་ཐང་ནས་བོད་མི་སུམ་བཅུ་ལྷག་གིས་ གོངས་༸ས་མཆོག་བོད་ལ་ཕེབས་རྒྱུར་དང་བོད་ལ་རང་དབང་དང་ཐོབ་ཐང་དགོས་པར་འབོད་བསྐུལ་བྱས་འདུག། དེའི་ནང་ནས་སྐྱེ་ཡུལ་རྒྱལ་རོང་ནས་ཡིན་པ། ཆོས་རྒྱལ་སྡེ་བའི་དམག་པ་ལོ་26་ཅན་དེ་བསད་འདུག
March 23, 2011